{"data":[{"id":"1","url":"https://thestupa.com/wp-content/uploads/2021/04/Nagarjuna-ཀླུ་སྒྲུབ།.jpg","desc":"རྒྱལ་ཡུལ་དགོངས་དོན་མཐའ་བྲལ་དེ་ཉིད་དོན༎ རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པ༎ རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ༎ འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས༎","name":"སློབ་དཔོན་ཀླུ་སྒྲུབ་","nameEng":"Nāgārjuna"},{"id":"2","url":"https://thestupa.com/wp-content/uploads/2021/04/Aryadeva-འཕགས་པ་ལྷ་.jpg","desc":"དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག། ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན།། ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུན་ནོར་དཔལ།། རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས།།","name":"སློབ་དཔོན་ཨཱརྱ་དེ་ཝ་","nameEng":"Aryadeva"},{"id":"3","url":"https://thestupa.com/wp-content/uploads/2021/04/Buddha-Shakyamuni-སངས་རྒྱས་ཤཱཀྱ་ཐུབ་པ་-1.jpg","desc":"འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན༎ བཏགས་ཡོན་མིང་རྐྱང་ཙམ་གྱི་ཟབ་མོའི་གནད༎ གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ༎ སངས་རྒྱས་བསྐྱངས་ཀྱི་ཞབས་གསོལ་བ་འདེབས༎","name":"སློབ་དཔོན་སངས་རྒྱས་བསྐྱངས་","nameEng":"Buddhapālita"},{"id":"4","url":"https://thestupa.com/wp-content/uploads/2021/04/Bhavaviveka-ལེགས་ལྡན་འབྱེད་.jpg","desc":"བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང་༎ ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི༎ གྲུབ་མཐའ་སྲོལ་བཏོད་ཡོངས་རྫོགས་པཎྜིཏ༎ སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས༎","name":"སློབ་དཔོན་ལེགས་ལྡན་འབྱེད་","nameEng":"Bhavaviveka"},{"id":"5","url":"https://thestupa.com/wp-content/uploads/2021/04/Chandrakirti-ཟླ་བ་གྲགས་པ་.jpg","desc":"རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས༎ མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ༎ ཟབ་རྒྱས་འདོགས་མཁས་མདོ་སྔགས་ཡོངས་རྫོགས་ལམ༎ རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས༎","name":"དཔལ་ལྡན་ཟླ་བ་གྲགས་པ་","nameEng":"Candrakīrti"},{"id":"6","url":"https://thestupa.com/wp-content/uploads/2021/04/Shantideva-ཞི་བ་ལྷ་.jpg","desc":"བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་། །རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །","name":"རྒྱལ་སྲས་ཞི་བ་ལྷ་","nameEng":"Śāntideva"},{"id":"7","url":"https://thestupa.com/wp-content/uploads/2021/04/Shantarakshita-ཞི་བ་འཚོ་.jpg","desc":"ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །","name":"མཁན་ཆེན་ཞི་བ་འཚོ་","nameEng":"Śantarakṣita"},{"id":"8","url":"https://thestupa.com/wp-content/uploads/2021/04/Kamalashila-པདྨའི་ངང་ཚུལ་.jpg","desc":"འདུལ་བ་འབུལ་སྡེའི་དགོངས་དོན་ལེགས་བསྡུས་ནས། །ཐབས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར། །མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། །ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །","name":"སློབ་དཔོན་ཀ་མ་ལ་ཤཱི་ལ་","nameEng":"Kamalaraksita"},{"id":"9","url":"https://thestupa.com/wp-content/uploads/2021/04/Asanga-ཐོགས་མེད་.jpg","desc":"བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང་། །འདུལ་བསྟན་དྲི་མེད་རིང་ལུགས་སྤེལ་བའི་སླད། །རྒྱ་ཆེན་གཞང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་སདེབས། །","name":"འཕགས་པ་ཐོགས་མེད་","nameEng":"​Asaṅga"},{"id":"10","url":"https://thestupa.com/wp-content/uploads/2021/04/Vasubandhu-དབྱིག་གཉེན་.jpg","desc":"ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང་། །མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོགས་མཁས་པའི། །ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །","name":"སློབ་དཔོན་དབྱིག་གཉེན་","nameEng":"Vasubandhu"},{"id":"11","url":"https://thestupa.com/wp-content/uploads/2021/04/Dignaga-ཕྱོགས་ཀྱི་གླང་པོ་.jpg","desc":"གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་། །ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །","name":"སློབ་དཔོན་ཕྱོགས་གླང་པོ་","nameEng":"Dignaga"},{"id":"12","url":"https://thestupa.com/wp-content/uploads/2021/04/Dharmakirti-ཆོས་ཀྱི་གྲགས་པ་.jpg","desc":"ཡུལ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །ཡུལ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། །སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། །","name":"དཔལ་ལྡན་ཆོས་གྲགས་","nameEng":"Vasubandhu"},{"id":"13","url":"https://thestupa.com/wp-content/uploads/2021/04/Arya-Vimuktisena-འཕགས་པ་རྣམ་གྲོལ་སྡེ་.jpg","desc":"ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པའི་ལམ། །ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །","name":"འཕགས་པ་གྲོལ་སྡེ་","nameEng":"Vimuktasena"},{"id":"14","url":"https://thestupa.com/wp-content/uploads/2021/04/Haribhadra-སེང་གེ་བཟང་པོ་.jpg","desc":"ཐོགས་མེད་སྐུ་མཆེད་ལས་འོང་ཤེར་ཕྱིན་དོན། །ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར། །འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །","name":"སློབ་དཔོན་སེངྒེ་བཟང་པོ་","nameEng":"Haribhadra"},{"id":"15","url":"https://thestupa.com/wp-content/uploads/2021/04/Gunaprabha-ཡོན་ཏན་འོད་.jpg","desc":"ཐུབ་གསུམ་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །གངས་ལྗོངས་ཐུབ་བསྟན་སྤེལ་པའི་དྲིན་ཅན་རྗེ། །ཇོ་བོ་ཨ་ཏི་ཟ་ལ་གསོལ་བ་འདེབས། །","name":"སློབ་དཔོན་ཡོན་ཏན་འོད་","nameEng":"Guṇaprabha"},{"id":"16","url":"https://thestupa.com/wp-content/uploads/2021/04/Shakyaprabha-ཤཱཀྱ་འོད་.jpg","desc":"ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །སྟོན་ཕྱིར་ཚད་མ་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །","name":"སློབ་དཔོན་ཤཱཀྱ་འོད་","nameEng":"Shakyaprabha"},{"id":"17","url":"https://thestupa.com/wp-content/uploads/2021/04/Jowo-Je-Palden-Atisha-ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་.jpg","desc":"མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་། །སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །པད་མའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །","name":"ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་","nameEng":"Atisha"}]}